堪千創古(禪古)仁波切上師相應法

20230608

開啟|下載 PDF 檔

༄༅། །བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ་བཞུགས་སོ། །

亟請大悲垂憫

堪千創古(禪古)仁波切上師相應法

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །
頂禮真勝上師!
དེ་ཡང་མདོ་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །ཞེས་དང་། པོ་ཏོ་བའི་བེའུ་བུམ་སྔོན་པོ་ལས། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །ཞེས་དང་། རྗེ་སྒམ་པོ་པས། བླ་མའི་བྱིན་རླབས་ཤིག་མ་ཞུགས་ན། སེམས་ཉིད་འདི་བལྟས་པས་མི་མཐོང་། བཟུང་བས་མི་ཟིན། བཀག་པས་མི་ཁེགས། རང་གི་སྣང་བ་འདི་ཡང་སྤངས་པས་མི་སྤོང་། བཤིག་པས་མི་ཤིགས། དེ་བས་ན། ཚོགས་གསོག་པར་འདོད་པ་དང་། སྒྲིབ་པ་སྦྱང་བར་འདོད་པ་དང་། བར་ཆད་ཞི་བར་འདོད་པ་དང་། རྟོགས་པ་རྒྱུད་ལ་སྐྱེ་བར་འདོད་པ་དང་། སྣང་བ་ཟིལ་གྱིས་གནོན་པར་འདོད་པ་དང་། རང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འདོད་པ་རྣམས་ཀྱིས། བླ་མ་ཁོ་ན་ལ་བསྙེན་བཀུར་བྱ་ཞིང་། གསོལ་བ་གདབ་པ་གཅིག་པུ་ལས་མེད། ཅེས་གསུངས་པ་ལྟར་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མ་དམ་པ་ལ་རག་ལས་པ་ཡིན་པས་བླ་མ་བསྟེན་ཚུལ་མ་འཕྱུགས་པ་གལ་ཆེ། དེ་ཡང་འབྲོམ་སྟོན་པ་ཆེན་པོས། ཁོ་བོས་ཚམ་ཚོམ་དུ་བླ་མ་བསྟེན་མ་མྱོང་། བསྟེན་ནས་ཡལ་བར་འདོར་མ་མྱོང་། །ཞེས་གསུངས་པ་ལྟར། ཚམ་ཚོམ་དུ་བླ་མ་མི་བསྟེན། བསྟེན་ནས་སྲོག་དང་བསྡོ་བ་ཞིག་དགོས། བསྟེན་ཚུལ་ལའང་བསམ་སྦྱོར་གཉིས་ལས། བསམ་པའི་སྒོ་ནས་བླ་མའི་ཡོན་ཏན་དང་། བཀའ་དྲིན་རྟག་ཏུ་བསམ། སྦྱོར་བའི་སྒོ་ནས་བླ་མ་མཉེས་པའི་བྱ་བ་གང་ཡིན་པ་སྒྲུབ་ཅིང་། མི་མཉེས་པ་སྤོང་ཅི་ཐུབ་བྱ་དགོས་པ་ཡིན། ལྷག་པར་བཀའ་བཞིན་སྒྲུབ་པའི་མཆོད་པ་ལ་ནན་ཏན་དུ་བརྩོན་པ་ནི་གནད་དུ་ཆེ་བ་ཡིན། བླ་མའི་རྣལ་འབྱོར་སྒོམ་པའི་ཚུལ་ལའང་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཡོད་ན་ད་ལྟ་རང་ལ་སྣང་ཚོད་ལྟར་སྒོམ་ཆོག་པ་ཡིན་མོད། ཕྱག་ལེན་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་སྒོམ་པར་མཛད་པ་ལྟར།
《佛母寶德藏》:「如是一切諸佛法,功德皆從善友得。」博多瓦大師在《青劄》中說:「總攝一切口訣的精髓,即是不離真勝善友。」達波仁波切(岡波巴大師)說:「若不得上師加持,自心本質將觀而不見、持而不住、止而不息;而自心顯相,亦將斷而不絕、破而不除。因此,若欲積資、淨罪、除障、心續生起了悟、隱翳顯相、圓滿自他二義之行者,除親奉、啟請上師,更無他法。」
如上所述,由於一切殊勝、共同之成就,皆仰賴於真勝上師,因此正確無誤之依師法,是為至要。此外,仲敦巴大師亦說:「我在依止上師的時候,從未有過任何猶豫,依止之後也從未有過輕視。」依止上師不能猶豫不決,而在依止之後就算捨棄性命也不捨離上師。依師須在思想和行為兩方面做到:思想上要恆時思惟上師的功德和恩德;行為上要做到能讓上師歡喜的一切事宜,並且盡力斷除令上師不歡喜的事情。尤其認真奉行依教之供養,更是至關重要。在上師相應法的觀修上,如果已有上師如佛的虔信心,即可觀想上師即是此刻所見的相貌;然而此處依照傳統,觀想上師為持金剛的形相。

རང་གི་སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁའ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ།
攘吉 記沃 帖吉敦吉 南卡喇 森給千波給記 喋貝仁波切赤 揚行嘉切偉鄔速
於自身頂前虛空處,觀想八大獅子寶座,
རབ་རྒྱས་པདྨ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་སེང་གེ །
惹給 貝瑪倘 / 尼瑪倘 達偉記擴吉 滇篤 / 哦沃 紮偉喇嘛 永津 瑪偉森給
其上有一盛開蓮花,花上有日輪月輪,輪上端坐實質為根本上師經教師語獅子(創古仁波切名諱),
རྣམ་པ་རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དང་དབྱེར་མ་མཆིས་པའི་རང་བཞིན་ཅན།
南巴 日竹巴 恰達 多傑羌 吉 固松圖倘耶瑪其貝 攘行間
外相現為六部遍主持金剛,身語意無二無別。
ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་སྟབས་སུ་འཛིན་ཅིང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།
恰尼 多傑倘 直普 諾大速 津京 / 仁波切間 湯切吉 間巴
二臂交執金剛鈴杵,眾寶瓔珞莊嚴其身,
དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ།
達 那措吉 那薩間 / 千桑波 松糾紮尼倘 貝界桑波 給糾哲巴
身被種種綃縠(音:消胡)衣 ,具三十二相八十種好。
དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས།
迪以 記沃 嗡 / 珍巴阿 圖噶吽 / 圖噶吽 吉 偉瑟吉 攘行吉內涅
於其額間「嗡」、喉間「阿」、心間「吽」;「吽」字放射光明,
བཀའ་བརྒྱུད་ཀྱི་བླ་མ། ཡི་དམ་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ།
噶舉吉 喇嘛 / 宜檔吉 喇措 / 桑傑 蔣森 / 巴沃 堪卓
於自性界召請噶舉上師、本尊聖眾、諸佛菩薩、勇父空行、
ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་བླ་མ་རྡོ་རྗེ་འཆང་གི་རྣམ་པར་སྤྱན་དྲངས།
確炯 松梅措湯界 喇嘛 多傑羌吉南巴 間掌
護法善神,皆現上師持金剛相。
ཛཿཧཱུྃ་བཾ་ཧོཿ དེ་ཐམས་ཅད་བླ་མ་ལ་ཐིམ་པས་རྩ་བའི་བླ་མ་དེ་ཉིད་བླ་མ་ཀུན་འདུས།
紮 吽 宛 吙 喋湯界喇嘛啦 聽貝 紮偉喇嘛喋尼 喇嘛昆堆
「紮 吽 宛 吙」,聖眾融入上師。
ཡི་དམ་ཀུན་འདུས། ཆོས་སྐྱོང་ཀུན་འདུས། དཀོན་མཆོག་ཀུན་འདུས་སུ་གྱུར་པར་བསམ་ལ།
宜檔昆堆 / 確炯昆堆 / 衮秋昆堆速究
根本上師即成上師總集、本尊總集、護法總集、三寶總集。
འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །
沃明 確吉 應吉 波章內 / 篤松 桑傑 昆吉 哦窩尼
究竟天宮法界中,三世諸佛之體性,
རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །
攘森 確固 溫松 敦策巴 / 巴滇 喇嘛 檔巴 喇恰擦
顯示自心即法身,頂禮吉祥上師尊!

ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །
呂檔 隆覺 宜記 珠巴宜 / 確巴 昆吉 確京 堆巴吉
身及受用意化現,獻諸供養及禮讚,
སྔར་བྱས་སྡིག་པ་མ་ལུས་བཤགས་པར་བགྱི། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །
阿傑 迪巴 瑪呂 夏巴吉 / 迪巴 賢揚 連切 米吉朵
已作之罪皆懺悔,未作之罪不復作。

འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །
卓昆 給哇 昆喇 傑宜壤 / 蔣秋 秋吉 究尼 哦哇吉
眾生福聚皆隨喜,迴向成就菩提因,
མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །
釀恩 米達 修巴 梭哇喋 / 特秋 喇梅 確擴 闊哇固
唯願常住不入滅,請轉無上勝乘法。

བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །
蔣倘 寧傑 秋梅 炯巴倘 / 敦擋 連記 界貝 耶謝喋
無方善習慈悲心;猶如善逝菩薩眾,
རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །
嘉哇 瑟界 南記 豆巴大 / 達吉 溫松 豆巴 勤吉洛
了悟勝義俱生慧,願吾現證祈加持!

སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །
究呂 祖固 豆巴 勤吉洛 / 梭作 隆固 豆巴 勤吉洛
加持幻身悟化身,加持命氣悟報身,
རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །
壤森 確固 豆巴 勤吉洛 / 固松 耶梅 恰哇 勤吉洛
加持自心悟法身,加持三身無別現!

མཚམས་འདིར་མ་ནམ་བཞི་སྐོར་གྲངས་གསོག་པའམ།
此處計數持誦「四如母文」:
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །
瑪南卡當 釀貝 森間 湯界 喇嘛 桑傑 仁波切 拉 叟哇 喋叟
等虛空一切如母有情祈請上師佛寶,
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །
瑪南卡當 釀貝 森間 湯界 喇嘛 棍洽 確吉固 拉 叟哇 喋叟
等虛空一切如母有情祈請上師遍滿法身,
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །
瑪南卡當 釀貝 森間 湯界 喇嘛 喋千 隆覺 奏貝固 拉 叟哇 喋叟
等虛空一切如母有情祈請上師大樂圓滿報身,
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །
瑪南卡當 釀貝 森間 湯界 喇嘛 突傑 竹貝固 拉 叟哇 喋叟
等虛空一切如母有情祈請上師大悲化身。

ཡང་ན།
或念誦:
བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །
喇嘛 仁波 切喇 梭哇喋 / 達津 洛宜 通巴 勤吉洛 / 郭梅 究喇 界哇 勤吉洛
至誠啟請上師寶:加持捨棄我執心,加持生起無謂想,
ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །
確明 南豆 嘎巴 勤吉洛 / 攘森 界梅 豆巴 勤吉洛 / 初巴 攘薩 息哇 勤吉洛
加持止息非法念,加持了達心無生,加持幻相自消滅,
སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །
囊息 確固 豆巴 勤吉洛
加持了悟萬有皆法身。

གཞན་ཡང་བླ་མ་རྒྱང་འབོད་སྣང་བ་འགྱུར་ངེས་སུ་བྱ་ཞིང་། མཐར་དབང་བཞི་ལེན་པ་ནི།
復次念誦〈遙呼上師祈請文〉直至心有所感。最後領受四灌:
དེ་ལྟར་གསོལ་བ་དྲག་ཏུ་བཏབས་པའི་མཐུས་བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ།
喋搭 梭哇扎度 達貝圖 喇梅記沃嗡雷 偉瑟噶波炯 / 攘吉 哲瓦聽
依如是至誠啟請之力,上師額間「嗡」字放射白光,融入自身額間,
ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར།
呂吉 迪直達 / 本貝 旺透 / 固多傑溫竹 透巴究
清淨身之罪障,得瓶灌,成就金剛身;
མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །
珍貝阿雷 偉瑟 瑪波炯 / 攘吉 珍巴聽 / 阿吉 迪直達
喉間「阿」字放射紅光,融入自身喉間,清淨語之罪障,
གསང་བའི་དབང་ཐོབ། གསུང་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར།
桑偉旺透 / 松多傑 溫竹透巴究
得密灌,成就金剛語;
ཐུགས་ཀའི་ཧཱུྃ་ནས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །
圖給吽內 偉瑟溫波炯 / 攘吉 寧咖聽 / 宜吉 迪直達
心間「吽」字放射青光,融入自身心間,清淨意之罪障,
ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར།
謝惹 耶謝吉 旺透 / 圖多傑溫竹 透巴究
得慧灌,成就金剛意。
སླར་ཡང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་དུ་འཕྲོས། རང་གི་སྒོ་གསུམ་ལ་ཐིམ།
蠟揚 喇梅內松內 偉瑟嘎瑪聽松 記洽篤綽 / 攘吉 果松喇聽
復次,上師三門齊時放射白紅青三光,融入自身三門,
ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ།
呂阿宜松吉 直巴 帕恰倘 界巴 達 / 旺息巴 透
清淨三門罪障習氣,得四灌,
སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དངོས་གྲུབ་ཐོབ་པར་གྱུར།
固松圖 多傑松 耶米切貝 溫竹 透巴究
成就無別身語意三金剛。

མཐར་བླ་མ་རྡོ་རྗེ་འཆང་རང་གི་སྤྱི་བོར་བྱོན། དགྱེས་པ་ཆེན་པོས་འོད་དུ་ཞུ། རང་ཉིད་ལ་ཐིམ་པས་
塔 喇嘛 多傑羌 攘吉基沃群 / 給巴 千波 偉篤修 / 攘尼喇 聽貝
最後,上師持金剛降臨自身頂上,歡喜消融為光,融入自身。
རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་གསུམ་དབྱེར་མ་མཆིས་པར་གྱུར།
攘吉呂阿宜松倘 喇梅固松圖松 耶瑪企巴究
自身三門與上師之身語意無二無別。

དེ་ལྟར་བླ་མའི་རྣལ་འབྱོར་མདོར་བསྡུས་པ་འདི་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན། སྡོམ་གསུམ་སྡེ་སྣོད་འཛིན་པ་ཆེན་པོ། བསྟན་པ་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་རིན་པོ་ཆེར་བཀའ་དྲིན་མཚུངས་ཟླ་མ་མཆིས་པ། སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྨྲ་བའི་སེང་གེའི་མཚན་ཅན་གྱི་ཞལ་སྔ་ནས་རེ་ཞིག་དགོངས་པ་གཞན་དོན་དུ་གཏད་པར། ཉིད་ཀྱི་རྗེ་དབོན་ཆོས་རྗེ་བླ་མ་གཙོ་བོར་གྱུར་པའི་གཞིས་བྱེས་ཀྱི་སློབ་འབངས་ཐམས་ཅད་ནས་བསྐུལ་མ་གནང་དོན་ལྟར། རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་མའི་གྲལ་མཐར་གཏོགས་པ། དཔལ་ཀརྨ་པའི་མཚན་འཛིན་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་སུ་འབོད་པའི་སྙོམས་ལས་པ་དེས་ཆུ་ཡོས་ས་ག་ཟླ་བའི་ཚེས་ 28 སྤྱི་ལོ་ 2023 ཟླ་ 6 ཚེས་ 16 ལ་སྦྱར་བའི་དགེ་བ་འདིས་ཀྱང་འབྲེལ་ཐོགས་ཐམས་ཅད་ཀྱི་རྒྱུད་ལ་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཉེ་བར་འཇུག་པར་གྱུར་ཅིག །
此篇精簡上師相應法,乃因大善知識、住持三戒三藏,博施恩惠於整體佛教、實修傳承之珍寶——怙主經教師堪千創古(禪古)仁波切,名「語獅子」者示寂,緣於仁波切之甥確戒喇嘛為主及海內外眾弟子之敦請,僅持十七世噶瑪巴名號,師尊最卑微之弟子,名鄔金欽列之懈怠者,敬署於藏曆水卯年薩嘎達瓦月二十八日,公元2023年6月16日。
願以此善迴向一切有緣者之心續,獲得吉祥上師身語意之加持。
(藏譯中:堪布羅卓丹傑)

年度新聞

Powered by mod LCA