堪千創古(禪古)仁波切迅速轉世祈願文

མྱུར་འབྱོན་གསོལ་འདེབས་བཞུགས་སོ། །

堪千創古(禪古)仁波切迅速轉世祈願文

20230608
གདོད་ནས་རྣམ་དག་ཆོས་དབྱིངས་བདེ་བ་ཆེ། །སྣང་སྟོང་ཟུང་འཇུག་སྒྱུ་མའི་རོལ་གར་གྱིས། །
སྲིད་ཞིི་ཡོངས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་། །མཉམ་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
頓內 南達 秋英 碟瓦切 / 囊東 松就 久梅 若噶吉
瑟協 永季 洽達 多傑羌 / 釀梅 喇嘛 暇拉 恰擦洛
本淨法界大樂性,顯空雙運幻妙舞,
輪涅遍主持金剛,虔禮無比上師足!


གཏིང་རིང་འཁོར་བའི་རྒྱ་མཚོ་འཇིགས་རུང་བར། །ལས་ཉོན་ཆུ་སྲིན་འབུམ་གྱིས་གཙེས་པ་ཡི། །
ཉམ་ཐག་འགྲོ་ཀུན་སྐྱོབ་པའི་དཔའ་བོ་ཆེ། །ཕ་གཅིག་རྗེ་བཙུན་བླ་མ་དེ་རིང་དྲན། །
丁仁 闊偉 嘉措 吉容瓦 / 雷尼 秋薩 邦季 側巴耶
尼塔 卓坤 鳩悲 巴沃切 / 帕吉 傑尊 喇嘛 喋仁陣
輪迴深黯懼怖海,百萬業惱鰲所害,
救苦眾生大勇士,我今思念父尊師!


མཁྱེན་ནོ་མཁྱེན་ནོ་དྲིན་ཅན་ཆོས་ཀྱི་རྗེ། །གཟིགས་ཤིག་གཟིགས་ཤིག་ཡོངས་འཛིན་སྨྲ་བའི་སེང་། །
བསྟན་འགྲོའི་བདེ་སྐྱིད་མར་མེ་སྣུམ་ཟད་ལྟར། །གྱུར་པའི་དུས་འདིར་བརྩེ་བས་དགོངས་སུ་གསོལ། །
千諾 千諾 知千 秋吉傑 / 息希 息希 揚讚 瑪威森
丹卓 喋吉 瑪梅 諾瑟達 / 舊威 讀得 側威 宮蘇梭
鑒知鑒知慈怙主,垂顧垂顧語獅子,「語獅子」為堪千創古(禪古)仁波切名諱
教眾福樂油燈枯,變易此際祈慈念!


མཁས་བཙུན་བཟང་པོའི་ལུས་སྟོབས་རབ་རྒྱས་ཤིང་། །ཐོས་བསམ་སྒོམ་པའི་གཡུ་རལ་དགུང་དུ་གཟེངས། །
འཆད་རྩོད་རྩོམ་པའི་གད་རྒྱང་མཐོན་པོ་ཅན། །སྨྲ་བའི་སེང་གེ་སླར་ཡང་མྱུར་འབྱོན་གསོལ། །
堪尊 桑波 洛多 讓傑希 / 圖桑 岡威 愈然 谷讀森
卻澤 藏威 給姜 倘波即 / 瑪威 森給 拉揚 寧群梭
智戒德身壯碩健,聞思修鬃揚天際,
教辯著吼響雲霄,願語獅子速轉世!


བཀའ་བརྒྱུད་རྣམས་ལས་དྭགས་པོའི་བཀའ་བརྒྱུད་དང་། །སྒྲུབ་བརྒྱུད་ཡོངས་ལས་ཀརྨ་ཀམ་ཚང་གི །
བཤད་དང་སྒྲུབ་པའི་རྒྱུན་བཟང་གསེར་གྱི་ཕྲེང་། །མི་ཉམས་སྤེལ་བའི་སྐྱེས་བུ་མྱུར་འབྱོན་གསོལ། །
噶舉 囊利 達波 噶舉倘 / 諸舊 永磊 噶瑪 岡倉吉
協倘 諸悲 舊桑 瑟吉成 / 米釀 悲偉 吉波 寧群梭
廣弘噶舉達波教,修傳派之岡倉宗,
正統學修黃金鬘,祈請大士速轉世!


འོག་མིན་ཞིང་ནས་བཀའ་བརྒྱུད་བླ་མའི་ཚོགས། །ཏིལ་གྱི་གང་བུ་ཕྱེ་བ་ལྟ་བུ་ཡིས། །
རྗེ་བཙུན་བླ་མའི་ཐུགས་རྗེ་རབ་བསྐུལ་ཏེ། །སྤྲུལ་པའི་ཟླ་ཞལ་མྱུར་དུ་འཆར་བར་མཛོད། །
沃明 賢尼 噶舉 喇嘛措 / 丹吉 岡波 切瓦 達波耶
傑尊 喇嘛 圖傑 然谷喋 / 珠悲 達暇 尼讀 恰瓦澤
密嚴剎土噶舉師,芝麻筴開紛然現,
敦請上師大悲心,化身月貌祈速現!


དཔལ་ཆེན་མ་ཧཱ་ཀ་ལ་ལྕམ་དྲལ་དང་། །དྲེགས་པ་བདུན་ཅུ་རྩ་གཉིས་ཕོ་ཉར་བཅས། །
མཆོག་གི་སྤྲུལ་སྐུའི་ཉི་མ་གཞོན་ནུ་གང་། །ཞིང་འདིར་འདྲེན་པའི་སྲུང་མ་ཉེར་མཛོད་ཅིག །
巴千 瑪哈 嘎拉 將哲倘 / 直巴 讀舊 紮尼 珀尼界
秋給 珠谷 尼瑪 協諾岡 / 行喋 枕貝 松瑪 涅作吉
大威黑袍兄妹尊,暨驕慢使七十二,
守護旭日勝化身,速返斯土祈成辦!


བླ་མ་རྩ་གསུམ་རྒྱ་མཚོའི་བདེན་མཐུ་དང་། །བདག་ཅག་སློབ་འབངས་དད་གདུང་རྩེ་གཅིག་པས། །
ཇི་ལྟར་གསོལ་བའི་དོན་རྣམས་མ་ལུས་པ། །འགྲུབ་པའི་རྒྱུ་འབྲས་བསླུ་བ་མེད་གྱུར་ཅིག །
喇嘛 紮松 嘉措 殿圖倘 / 達嘉 洛邦 喋讀 紮吉貝
吉噠 梭威 敦南 瑪閭巴 / 竹悲 就哲 羅瓦 梅就吉
上師三根眾諦力,我等虔信專一力,
如是一切祈請義,因果不虛祈成就!


བསྟན་པ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་མཚུངས་པ་མེད་པ། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན། གསུམ་ལྡན་རྡོ་རྗེ་འཛིན་པ། ༧ སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་རེ་ཞིག་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་ལ། བསྟན་འགྲོའི་དོན་དུ་མཆོག་གི་སྤྲུལ་སྐུའི་ཡང་སྲིད་འཁྲུལ་པ་མེད་པ་མྱུར་དུ་འཆར་བའི་སླད་དུ་ཀརྨ་པའི་མཚན་ཙམ་འཛིན་པ། ཨོ་རྒྱན་ཕྲིན་ལས་སུ་འབོད་པའི་སློབ་འབངས་ཐ་ཤལ་དེས་འདས་ལོ་ ༢༥༦༦ སྤྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༨ ལ་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག །
於整體佛教與自宗傳承具有無比恩德之善知識,具足三戒之持金剛者,怙主經教師創古(禪古)仁波切,暫逝於寂靜法界,為利益教眾之故,願無誤殊勝化身迅速降臨!僅持名鄔金欽列之最卑微弟子,敬署於佛曆2566年,公元2023年6月8日。祈願有益!(藏譯中:堪布羅卓丹傑)

年度新聞

Powered by mod LCA